བོད་ཁུལ་གསར་འགྱུར།

དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་གིས་༢༠༡༥་ལོའི་གྲོང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་ཀ་གཏན་ཁེལ་བྱས་ཡོད་པ།

སྤེལ་དུས།    2015-03-09

   

    དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་གིས་༢༠༡༥་ལོའི་གྲོང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་ཀ་གཏན་ཁེལ་བྱས་ཡོད་པ་སྟེ།གཅིག་ནས་ཨར་ལས་ཆུང་བ་བཞི་འཛུགས་སྐྲུན་བྱེད་པ་དམ་འཛིན་ལེགས་པོ་བྱས་ནས།རྣམ་གྲངས་སྡུད་རུབདང་། སྤྱི་བསྡོམས། ལྟ་སྐུལ་དོ་དམ། གྲུབ་འབྲས་དཔྱད་ཞིབ་སོགས་ཀྱི་བྱ་བ་ལེགས་པོ་སྒྲུབ་རྒྱུ་ཡིན་པ་དང་།གཉིས་ནས་གྲོང་སྡེའི་གཞུང་ལམ་ལོ་གསུམ་རིང་གི་དཀའ་གནད་སྒྲོལ་བར་སྐུལ་སྤེལ་བཏང་ནས།༢༠༡༥་ལོ་ནས་༢༠༡༧་ལོའི་བར་གྱི་འགྲིམ་འགྲུལ་འཛུགས་སྐྲུན་སྐུལ་སྤེལ་གཏོང་བའི་གྲོས་གཞི་ཞེས་པ་དངོས་སུ་བཏོན་ནས། གྲོང་སྡེའི་གཞུངལམ་འཛུགས་སྐྲུན་བྱ་རྒྱུ།  གསུམ་ནས་གྲོང་སྡེའི་གཞུང་ལམ་སྤྱི་ལེ་༡༦༥་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱུང་ནས། གྲོང་སྡེ་༣༣་ལ་གཞུང་ལམ་ཐར་ཐུབ་པ་བྱ་རྒྱུ། བཞི་ནས་གྲོང་སྡེའི་གཞུང་ལམ་བདེ་སྲུང་འདུ་འགོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས།འཛུགས་སྐྲུན་ལས་འགན་སྤྱི་ལེ་༣༤་ལྷག་ལེགས་འགྲུབ་ཡོང་བ་བྱ་རྒྱུ་བཅས་རེད།