བོད་ཁུལ་གསར་འགྱུར།

གཞི་རིམ་དུ་གཟབ་འཇུག་བྱས་ནས་མི་དམངས་ཀྱི་དཀའ་གནད་སེལ་བ་དང་།ནན་འཛིན་དངོས་སྒྲུབ་བྱས་དེ་མི་དམངས་ལ་ཁེ་ཕན་ཐོབ་བཅུག་པ།

སྤེལ་དུས།    2015-01-29

  

 ཏང་ཡོན་ལས་བྱེད་པས་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་ཞབས་འདེགས་ཞུ་བའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཆེད།རྔ་བ་ཁུལ་མཛོད་དགེ་རྫོང་སྒྲིག་ཨུའི་ལྟ་ཞིབ་ཅུས་ཀྱིས་གཞི་རིམ་དུ་སྐྱོད་པ་དང་དཀའ་གནད་སེལ་བ། དོན་དངོས་སྒྲུབ་པ།མི་དམངས་ལ་ཁེ་ཕན་ཐོབ་འཇུག་པ་བཅས་ཀྱི་བྱེད་སྒོ་སྤེལ་ཡོད་པ་དང་།འགོ་ཁྲིད་ཀྱིས་ས་ཆ་གཏན་ཁེལ་བྱེད་ས་ནས་ལས་འགན་ ཁུར་བ་དང་སྡེ་ཁག་གིས་གྲོང་བར་འགན་གཙང་ལེན་བྱེད་པ།ལས་བྱེད་པས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་བྱེད་སྒོ་སྤེལ་བ་དེ་གོ་སྐབས་སུ་བཟུང་བ་དང་།མང་ཚོགས་ཀྱི་དཀའ་གནད་དངོས་སེལ་བར་ཁྲིད་སྟོན་བྱས་ ཏེ།གཞི་རིམ་ལ་གཟབ་འཇུག་བྱས་པ་དང་ནན་འཛིན་དངོས་སྒྲུབ་བྱེད་པ།རྒྱུན་འཁྱོངས་གསུམ་ལ་བརྟེན་ནས་མང་ཚོགས་ཀྱི་དོན་དངོས་གནད་དོན་ཐག་གཅོད་བྱས་ཡོད་པར་བརྟེན།ལས་བྱེད་པ་དང་མང་ཚོགས་བར་གྱི་བརྩེ་དུས་ ཇེ་ཟབ་ཏུ་བཏང་ཡོད་པ་རེད།

ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་པ་རྒྱུན་འཁྱོངས་བྱས་ནས།གནད་དོན་དངོས་འཚོལ་བ།སྟག་ཚ་གྲོང་རྡལ་གྱི་གྲོང་བ་གསུམ་པའི་སྡེ་བ་གཉིས་བ་ལ་གྲོང་བར་ཐར་བ་བྱེད་པའི་ཨར་འདམ་གཞུང་ལམ་ལས་པ་ དང་གྲོང་ཨུའི་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་བྱེད་པ་སོགས་རྣམ་གྲངས་ལྔ་མཐུན་སྦྱོར་བྱས་ནས་ཐག་གཅོད་བྱས་ཡོད་པས།རོགས་སྐྱོར་བྱེད་པར་བསྡོམས་པས་མ་དངུལ་སྒོར་མོ་ཁྲི་ཚོ་ཉི་ཤུ་ཙམ་གཏོང་འཇོག་བྱས་ཡོད་པ་རེད།

  ཐུན་མོང་གིས་གཞོགས་འདེགས་བྱེད་པ་རྒྱུན་འཁྱོངས་བྱས་ནས།ནུས་ཤུགས་མཉམ་གཅིག་ཏུ་གྱུར་ཡོད་པ།དཀའ་ངལ་ཡོད་པར་རོགས་སྐྱོར་བྱེད་པའི་སྡེ་ཁག་གི་ལས་འགན་མི་འདྲ་ནས་རོགས་སྐྱོར་བྱེད་པའི་ནུས་ཤུགས་དོ་མི་སྙོམས་པའི་གནས་ཚུལ་འབུད་པར་ཕན་ཡོད་ཀྱིས་འགོག་སེལ་བྱེད་ཡོད་པ་རེད།མང་ཚོགས་ཀྱི་འདོད་བློ་ལྟར་བ་རྒྱུན་འཁྱོངས་བྱས་ནས།ཕན་འབྲས་དངོས་ཐོབ་པ་འགན་ལེན་བྱས་ཡོད་པ་རེད།མང་ཚོགས་ཀྱིས་ཆེས་རེ་སྒུག་བྱས་པ་དང་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་ཆེ་བའི་དཀའ་གནད་སེལ་བ་ཐོག་མཐའ་ཡོངས་སུ་རྒྱུན་འཁྱོངས་བྱེད་པ་དེ་དམིགས་ཡུལ་དུ་རྩིས་ནས།ཧུར་ཐག་གིས་མང་ཚོགས་སྐུལ་སློང་བྱས་ནས་རོགས་སྐྱོར་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ནང་ཞུགས་བཅུག་པ་རེད།ཕྱོགས་གཅིག་ནས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ཡོད་ལ།ཕྱོགས་གཞན་ཞིག་ནས་མང་ཚོགས་ལ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཐུགས་ཁུར་གནང་བ་དེ་མྱོང་སུ་བཅུག་ ཡོད་པ་རེད།སྤྱི་ལོ་༢༠༡༥ལོར་མཛོད་དགེ་རྫོང་སྒྲིག་ཨུའི་ལྟ་ཞིབ་ཅུས་དང་རྫོང་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་ཅུས་སོགས་ཀྱིས་རྐྱང་ཚ་སོགས་སྡེ་བ་ལ་འབྲེལ་འདྲིས་བྱས་ནས་དམངས་ཀྱིས་གཉེར་བ་དང་གཞུང་གིས་རོགས་སྐྱོར་བྱེད་པ།དོན་གཅིག་ལ་གྲོས་ཞིབ་རེ་བྱེད་པའི་བྱེད་སྟངས་དེ་གནད་ཆེ་ས་བྱས་ནས་ལག་ལེན་བྱ་རྒྱུ་ཡིན་པ་དང་།འབྲོག་པ་མང་ཚོགས་རྣམས་ཀྱིས་ངལ་རྩོལ་ནུས་ཤུགས་འཇོག་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ནང་ཞུགས་འཇུགརྒྱུ་ཡིན་པས།རྐྱང་རྩ་ཤང་གི་སྐེ་རྒྱུད་གྲོང་དང་དམི་ཚ་གྲོང་བ།སྒོ་རོ་གྲོང་བ་ སོགས་གྲོང་བ་དྲུག་གི་གད་སྙིགས་ཐག་གཅོད་བྱེད་ས་དང་།གྲོང་བའི་ནང་ཁུལ་གྱི་གཞུང་ལམ་ཨར་འདམ་ཅན་དུ་གྱུར་བ།ཆུ་རྐང་བཤང་བ་སོགས་ཐག་གཅོད་བྱེད་དགོས་པའི་དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

                                                                                                                                                                                                                     ཡིག་སྒྱུར་པ།གཡང་མཚོ།