བོད་ཁུལ་གསར་འགྱུར།

ལྕགས་ཟམ་རྫོང་གི་ཞིང་སྡེའི་མང་ཚོགས་གླ་ཆུང་འགྲུལ་སྐྱེལ་རླངས་འཁོར་ནང་སྡོད་རྒྱུ་རག

སྤེལ་དུས།    2015-01-28

 

                                                                                                     

ངེས་པར་དུ་ལྕགས་ཟམ་རྫོང་གི་ཞིང་སྡེའི་མང་ཚོགས་རྣམས་ཉེན་མེད་དང་། སྟབས་བདེ། གླ་ཆུང་ཡིན་པའི་འགྲུལ་སྐྱེལ་རླངས་འཁོར་དི་སྡོད་ཐུབ་པར་བྱ་རྒྱུ་ཡིན་ཞེས་པ་ནི་ལྕགས་ཟམ་རྫོང་གི་ཞིང་སྡེའི་འགྲུལ་སྐྱེལ་ལས་རིགས་ཀྱི་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་ལས་སྒྲུབ་མི་སྣས་ལས་འགོ་འཛུགས་པའི་མཛད་སྒོ་ཐོག་རྔམ་བརྗིད་ལྡན་པའི་ངང་དམ་བཅས་པའི་སྐད་ཆ་རེད།
    
ཤེས་རྟོགས་བྱུང་བར་བལྟས་ན།ལྕགས་ཟམ་རྫོང་གི་ཞིང་སྡེའི་འགྲུལ་སྐྱེལ་ལས་རིགས་ཀྱི་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དེ་ནི་སྔོན་མའི་རྫོང་ཁུལ་ནས་ཞིན་ལུང་གྲོང་རྡལ་དང་།སྡེ་ཐོག འབོ་ཞབས་གྲོང་རྡལ་བཅས་ཀྱི་ལམ་ཐིག་གསུམ་དུ་སྐྱོད་མཁན་གྲོང་སྡེའི་འགྲུལ་སྐྱེལ་ཁེར་ལས་བདག་གཉེར་མི་སྣ32ཀྱིས་ན་ནིང་གི་ཟླ་བ12པའི་ཚེས31ཉིན་ལ་བཙུགས་པ་རེད། སྤྱི་གཉེར་ཁང་དེ་བཙུགས་པས་སྒེར་གཉེར་བདག་གཉེར་པར་ཕན་པ་ཡོད་པར་མ་ཟད། ལྕགས་ཟམ་རྫོང་གི་ཞིང་སྡེའི་འགྲུལ་སྐྱེལ་ཚོང་ར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའང་ཕན་པ་རེད།
    
སྤྱི་གཉེར་ཁང་དེ་བཙུགས་རྗེས།སྔོན་མའི་རྫོང་ནས་ལེང་ཅི་གྲོང་རྡལ་བར་རླངས་འཁོར་སྡོད་གླ་སྒོར15ནས་སྒོར10རུ་མར་ཕབ་པ་དང་།སྔོན་མའི་རྫོང་ཁུལ་ནས་འབོ་ཞབས་གྲོང་རྡལ་བར་རླངས་འཁོར་གྱི་གླ་ཆ་སྒོར30ནས་སྒོར20རུ་མར་ཕབ།སྤྱི་གཉེར་ཁང་དེའི་སྤྱི་ཁྱབ་ཅིན་ལི་ཝང་ཧྭ་ནིང་གིས་བརྩིས་པ་ལྟར་ན།ཐེངས་འདིའི་རིན་གོང་ཕབ་པ་ནས་སྤྱི་གཉེར་ཁང་གིས་ལོ་རེར་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི200ལྷག་བཤུགས་པ་དང་ཆབས་ཅིག སྤྱི་གཉེར་ཁང་གིས་རླངས་འཁོར་གཏོང་བའི་དུས་ཚོད་གཅིག་གྱུར་བྱས་ནས་འགྲུལ་སྐྱེལ་རླངས་འཁོར་ཚང་མ་དུས་ལ་རན་སྐབས་རླངས་འཁོར་བཏང་ནས་ལམ་བར་དུ་ཡོད་པའི་མང་ཚོགས་རྣམས་རླངས་འཁོར་ནང་སྡོད་རྒྱུར་སྟབས་བདེ་བཟོས་པ་རེད།
    
ཐེངས་དང་པོར་སྤྱི་གཉེར་ཁང་དེའི་ཞིང་སྡེའི་འགྲུལ་སྐྱེལ་རླངས་འཁོར་ཐོག་སྡོད་པའི་ཨ་སྲུ་ཝང་ལགས་ཀྱིས་དགའ་སྤྲོའི་ངང་ནས་གཅིག་གྱུར་གྱིས་ཉོ་སྒྲུབ་བྱས་པའི་རླངས་འཁོར་གསར་པ་འདི་ཧ་ཅང་སྐྱིད་པོ་འདུགརླབས་འཁོར་གྱི་གླ་ཆའང་ཉུང་བར་མ་ཟད།ད་དུང་གཏན་འཁེལ་བྱས་པའི་དུས་ཚོད་ནང་ལྟར་རླངས་འཁོར་དུ་སྡོད་སར་འོང་ཆོག་རྒྱུ་ནི་སྟབས་བདེ་མོ་རེད་ཅེས་བཤད།
    
སྤྱི་གཉེར་ཁང་གིས་ད་དུང་རླངས་འཁོར་ནང་སྡོད་མཁན་གྱི་འགྲུལ་པ་ཡོད་ཚད་ཀྱི་ཆེད་དུ་གཅིག་གྱུར་གྱིས་ཁ་ལོ་བ་ལ་དོ་དམ་བྱས་ནས་བཀོལ་སྤྱོད་བྱེད་ལུགས་ཚད་ལྡན་དུ་བཏང་སྟེ་སེམས་ཐག་གཙང་བཅད་ཀྱིས་ཚད་ལས་བརྒལ་ནས་འགྲུལ་པ་སྐྱེལ་བའི་གནས་ཚུལ་མེད་པར་བཟོས་ནས་མང་ཚོགས་རྣམས་རླངས་འཁོར་དུ་སྡོད་སྐབས་ཉེན་མེད་བདེ་འཇགས་ཡོང་བ་འགན་སྲུང་བྱ་རྒྱུ་ཁས་བླངས་སོ།།