རྒྱལ་ནང་གསར་འགྱུར།

སི་ཁྲོན་གྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་བསྡུས་ཡོད་པ་དང་། ལི་ཁེ་ཆའང་ཚོགས་པ་རུ་ཕེབས་ནས་གྲོས་ཞིབ་ཀྱི་བསམ་འཆར་ལ་ཉན་པ་དང་གསུངས་བཤད་གལ་ཆེན་གནང་ཡོད་ལ། ལིའུ་ཆི་པའོ་ཝེ་ཧུང་གྲོས་ཞིབ་ལ་ཞུགས་ཡོད་པ་དང་། ཝང་ཏུང་མེང་གིས་གཙོ་སྐྱོང་གནང་ཡོད།

སྤེལ་དུས།    2015-03-09

     

         ཚེས་བརྒྱད་ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ནུབ་ཀྱི་ཚོམས་ཆེན་ལ་འཁྲུག་ཆ་དོད་ཅིང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་གསུམ་པའི་སི་ཁྲོན་འཐུས་མི་ཚོགས་པས་འདི་ནས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་འཚོག་ནས། མུ་མཐུད་དུ་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་བསྐྱར་ཞིབ་དང་། འཆར་གཞིའི་སྙན་ཞུ་དང་སྔོན་རྩིས་སྙན་ཞུ་ལ་བརྟག་དཔྱད་བྱས་ཡོད་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆའང་སི་ཁྲོན་འཐུས་མི་ཚོགས་པའི་གྲས་སུ་ཕེབས་ནས། འཐུས་མི་རྣམ་པ་ལ་འཚམ་འདྲི་དང་། གྲོས་ཞིབ་ཀྱི་བསམ་འཆར་ལ་ཉན་པ་མ་ཟད་གསུངས་བཤད་གལ་ཆེན་གནང་ཡོད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲག་པུའུ་ཡི་པུའུ་ཀྲང་ལིའུ་ཆི་པའོ་གྲོས་ཞིབ་ལ་ཞུགས་ཡོད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཚོགས་པའི་ཀྲུའུ་རེན། སི་ཁྲོན་འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཏུང་མེང་གིས་གྲོས་ཚོགས་ལ་འགོ་འཛིན་གནང་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་གྱི་མགོ་གཙོ། སི་ཁྲོན་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་ཝེ་ཧུང་དང་། ལིའུ་ཡུང་ཧའོ། ཐང་ལེའང་ཀྲི ཝང་ཆི་ཏེ། ཞེ་ཧེ་ཕེང་། ཀྲའོ་ཕེང་སོགས་ཀྱིས་གོ་རིམ་བཞིན་གཏམ་བཤད་གནང་ཡོད། ཚང་མས་གཅིག་མཐུན་སྒོས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་མོས་མཐུན་གནང་ཡོད་པ་དང་། ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་ཁྱད་པར་ཡོད་པའི་སྲིད་ཇུས་རོགས་སྐྱོར་སྤྲོད་པ་དང་། སི་ཁྲོན་གྱིས་དར་གོས་འགྲུལ་ལམ་ས་རྒྱུད་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་སོགས་འཕེལ་རྒྱས་འཐབ་ཇུས་ཁྲོད་དུ་ནུས་པ་སྔར་ལས་ཆེ་བ་འདོན་པར་རྒྱབ་སྐྱོར། ཁ་གཏད་ཡུལ་ཡོད་པའི་སྒོ་ནས་རྒྱལ་ནང་གི་ཕྱིར་གཏོང་མ་རྩའི་ཁེ་ལས་ལ་སྔར་ལས་ལྷག་པའི་ཕྱིར་གཏོང་སྟབས་བདེ་སྐྲུན་པ། ཁྲིན་ཏུའུ་ཡིས་རང་མོས་ཉོ་ཚོང་ཁུལ་འཛུགས་པར་རྒྱབ་སྐྱོར། གསར་བརྗེའི་ཁུལ་རྙིང་གི་དབུལ་ཐར་འགག་སྒྲོལ་གྱི་ནུས་ཤུགས་ཇེ་ཆེར་གཏོང་བ། བཙོག་སྐྱོན་ཕྱིར་གཏོང་ལ་ཚོད་འཛིན་ནན་མོ་བྱ་བ། ནུབ་རྒྱུད་ས་ཁུལ་གྱི་མཐོ་རིམ་སློབ་གྲྭའི་འཕེལ་རྒྱས་ལ་རྒྱབ་སྐྱོར། དྭངས་གཙང་ནུས་ཁུངས་ཀྱི་དཔེ་སྟོན་རྟེན་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན་ཡོད། 

ལི་ཁེ་ཆའང་གིས་འཐུས་མི་རྣམས་དང་མཉམ་དུ་བགྲོ་གླེང་གཏིང་ཟབ་མོ་གནང་ཡོད་པ་དང་། ཁོང་གིས་སི་ཁྲོན་གྱིས་ན་ནིང་ལོར་དཀའ་ངལ་རིམ་པ་ལྟར་བྱུང་བའི་གནས་ཚུལ་འོག་ད་དུང་གྲུབ་འབྲས་ཆེན་པོ་ཐོབ་ནས། ངོ་མཚར་ཆེ་བའི་བྱས་རྗེས་ཤིག་བཞག་ཡོད། རང་རྒྱལ་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་བ་ཞིག་དབུས་རྒྱུད་དང་ནུབ་ཁུལ་དུ་ཡོད་པ་རེད། སི་ཁྲོན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་དོན་སྙིང་ཆེན་པོ་དང་ལྡན་ཡོད། སི་ཁྲོན་གྱིས་གཅིག་ནས་ནུབ་རྒྱུད་སྒོ་འབྱེད་ཆེན་མོའི་ཁྲོད་དུ་སྣེ་འཁྲིད་ཀྱི་ནུས་པ་ཐོན་དགོས་པ་དང་། གཉིས་ནས་སྐམ་སའི་ནང་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་གྲལ་དུ་འགྲོ་དགོས། གསུམ་ནས་དམངས་འཚོ་ཁག་ཐེག་དང་། དབུལ་ཐར་སྐུལ་འདེད་བྱས་ནས་མང་ཚོགས་ཀྱི་ཁེ་ཉེན་འགན་ལ་ལེན་པ་དང་། བདེ་སྡུག་སེམས་ཀྱིས་ཤེས་སྒོས་ཞེས་བསྟན་ཡོད། 

ཝང་ཏུང་མེང་གིས་གཙོ་སྐྱོང་གཏམ་བཤད་གནང་སྐབས་ཙུང་ལི་ལི་ཁེ་ཆའང་གིས་སི་ཁྲོན་གྱི་བྱ་བ་ལ་རྟག་ཏུ་མཐོང་ཆེན་ཚད་མཐོན་པོ་གནང་ཡོད་ལ། ཐེངས་དུ་མར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཡོད་པས། སི་ཁྲོན་གྱི་བཅོས་སྒྱུར་འཕེལ་རྒྱས་དང་། གནོད་རྗེས་བསྐྱར་འཛུགས། རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་ཆེན་པོ་གནང་ཡོད་ཅེས་བཤད་ཡོད།  

                                                                          ཡིག་སྒྱུར།དཔལ་རྩལ།