རྒྱལ་ནང་གསར་འགྱུར།

ཞིང་ཆེན་སྲིད་གཞུང་གི་སྲིད་གཙང་ལས་ཀའི་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ལྟར་སྲིད་འཛིན་ ལས་ཀའི་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་བསྡུ་འཚོགས་བྱས་ཡོད་པ།

སྤེལ་དུས།    2015-02-27

     

     ཚེས་༢༦ཉིན་ཞིང་ཆེན་སྲིད་གཞུང་གིས་ཁྲེང་ཏུའུ་ལ་སྲིད་གཙང་ལས་ཀའི་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཐེངས་གསུམ་པ་བསྡུ་འཚོགས་བྱས་ཏེ།ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་ཀའི་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱས་པ་དང་།ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་བྱས་པ།དེ་མ་ཚད་གོམ་གང་མདུན་སྤོས་ཀྱིས་ད་ལོ་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་ལས་ཀའི་ལས་འགན་གཙོ་བོ་གཏན་འབེབས་གསལ་པོ་བྱས་ཡོད།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཝེ་ཧུང་གྲོས་ཚོགས་ཐོག་ཞུགས་པ་མ་ཚད་གསུངས་བཤད་ཀྱང་གནང་ཡོད་པ་རེད། 

       ཝེ་ཧུང་གིས་ད་ལོའི་སྲིད་གཞུང་གི་སྲིད་གཙང་འཛུགས་སྐྲུན་ལས་ཀ་ཡག་པོ་འཛིན་དགོས་པའི་ཐད་བླང་བྱ་ལྔ་བཏོན་ཡོད་པ་སྟེ།གཅིག་ནི་མུ་མཐུད་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།གཉིས་ནི་ཏན་ཏིག་གིས་ལམ་ལུགས་ཚན་པ་བཅུའི་གཏན་འབེབས་དོན་འཁྱོལ་བྱས་ཏེ།འབྱུང་ཁུངས་ཐོག་ནས་དབང་ཆ་བེད་སྤྱོད་བྱེད་པ་ཚད་ལྡན་དུ་གཏོང་རྒྱུ་དང་དབང་ཆ་གླ་གཏོང་དང་བེད་མེད་སྤྱོད་པ་བཀག་འགོག་བྱེད་དགོས།གསུམ་ནི་གཙོ་གནད་ཆེ་ས་བྱས་ནས་ནོར་སྲིད་ཀྱི་མ་དངུལ་ལྟ་སྐུལ་དོ་དམ་བྱེད་པ་ལེགས་འཛིན་བྱེད་དགོས།བཞི་ནི་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་གཏོང་བའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།ལྔ་ནི་དཀའ་ངལ་ཁྱད་སེལ་དང་དངོས་བསྒྲུབ་བྱེད་པའི་སྤྱོད་བཟང་དར་སྤེལ་གཏོང་དགོས་པ་བཅས་སོ། 

                                                                            ཡིག་སྒྱུར།བཀྲ་ཤིས་ཉི་མ།