རྒྱལ་ནང་གསར་འགྱུར།

ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་ཆོག་མཆན་གནང་བ་བརྒྱུད་གནས་ཚུལ་གསར་བའི་འོག་ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་དང་དམག་དཔུང་ལ་བཅོས་སྐྱོང་ནན་པོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་གཏན་འབེབས་དེ་པར་སྐྲུན་བྱས་ནས་འགྲེམ་སྤེལ་བྱས་ཡོད་པ།

སྤེལ་དུས།    2015-02-27

        

     ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་ཆོག་མཆན་གནང་བ་བརྒྱུད།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་གནས་ཚུལ་གསར་བའི་འོག་ཁྲིམས་ལྟར་ དམག་དཔུང་བཅོས་སྐྱོང་བྱེད་པ་དང་དམག་དཔུང་ལ་བཅོས་སྐྱོང་ནན་པོ་ བྱེད་པ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་གཏན་འབེབས་དེ་པར་སྐྲུན་བྱས་ནས་འགྲེམ་སྤེལ་བྱས་ཡོད་པ་རེད།གཏན་འབེབས་ནང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམ་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་དང་ དམག་དཔུང་ལ་བཅོས་སྐྱོང་ནན་པོ་བྱེད་པའི་གལ་ཆེའི་རྒྱས་བཤད་ལག་ལེན་གཏིང་ཟབ་བྱེད་པ་དང་།དམག་དཔུང་གི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་བཀོད་སྒྲིག་བྱས་ཏེ།དམག་ཡོངས་ལ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་ཡུལ་ལ་བརྟེན་ནས་དམག་དོན་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པར་ཁྲིད་སྟོན་བྱས་ནས།ཁྲིམས་སྐྱོང་ལ་དད་པ་དང་ཁྲིམས་སྐྱོང་ ལྟར་བསམ་གཞིགས་བྱེད་པར་ཤུགས་སྣོན་རྒྱག་པ།ཁྲིམས་སྐྱོང་བླང་བྱ་ལྟར་ དམག་སྐྱོང་བྱེད་སྟངས་འཕོ་འགྱུར་བཏང་ཏེ།ཏང་ཨུ་ཡིས་ཁྲིམས་ལྟར་ཐབས་ཇུས་འདོན་པ་དང་ལས་ཁུངས་ཀྱིས་ཁྲིམས་ལྟར་མཛུབ་སྟོན་བྱེད་པ།དམག་དཔུང་གིས་ཁྲིམས་ལྟར་བྱ་སྤྱོད་སྤེལ་བ།དཔོན་དམག་གིས་ཁྲིམས་ལྟར་འགན་ནུས་ལག་ལེན་བྱེད་པ་བཅས་ཀྱི་རྣམ་པ་ཡག་པོ་ཆགས་པ་བྱས་ཏེ།རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་པ་ཁྲིམས་སྐྱོང་ཅན་དུ་གྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 

     གཏན་འབེབས་ནང་།དེང་རབས་ཅན་གྱི་རྒྱལ་ཁབ་ཞིག་ཡིན་ཕྱིན་ཁྲིམས་སྐྱོང་རྒྱལ་ཁབ་ཞིག་ཡིན་ངེས་པ་དང་།དེང་རབས་ཅན་གྱི་དམག་དཔུང་ཞིག་ཡིན་ཕྱིན་ཁྲིམས་སྐྱོང་དམག་དཔུང་ཞིག་ཡིན་ངེས་པ་རེད།དམག་དཔུང་དེང་རབས་ཅན་དང་ཆ་འཕྲིན་ཅན་ཡིན་ན་དེ་ལས་ཁྲིམས་སྐྱོང་ཅན་ཞིག་ཡིན་ དགོས།ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་དང་དམག་དཔུང་ལ་བཅོས་སྐྱོང་ནན་པོ་བྱེད་པ་གཏིང་ཟབ་སྤེལ་བ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་སྤྱིའི་བཀོད་སྒྲིག་གྱི་གལ་ཆེའི་གྲུབ་ཆ་ཞིག་ ཡིན་པ་དང་།དམག་དཔུང་སྟོབས་ལྡན་དུ་གྱུར་བའི་དམིགས་ཡུལ་མངོན་འགྱུར་ཡོང་བ་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པ།རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་གལ་ཆེན་འགན་ལེན་ཡིན་པ། དམག་དཔུང་གིས་ཕན་ཡོད་ཀྱིས་འགན་ནུས་ལས་འགན་ལག་ལེན་བྱེད་པ་དང་གཅིག་གྱུར་ཚད་མཐོན་པོ་ཡོང་བའི་སྲ་བརྟན་གྱིས་འགན་ལེན་ཡིན་པ་རེད།མིག་སྔར་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་པ་དེ་ལོ་རྒྱུས་ཀྱི་གཞི་འཛིན་ས་གསར་བའི་ཐོག་ལངས་ཡོད་པས།ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་དང་དམག་དཔུང་ལ་བཅོས་སྐྱོང་ནན་པོ་བྱེད་པ་དེས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ཧྲིལ་བོའི་ནང་གི་གོ་གནས་སྔར་ལས་འབུར་ཐོན་ཡིན་པ་དང་ནུས་པ་སྔར་ལས་ཆེ་བར་བརྟེན།ངེས་པར་དུ་ཁྲིམས་སྐྱོང་གིས་སྣེ་ཁྲིད་དང་ཚད་ལྡན་ནུས་པ་འདོན་སྤེལ་སྔར་ལས་ཡག་པོ་བྱས་ཏེ།དེང་རབས་དམག་དོན་འཕེལ་རྒྱས་གཏོང་བའི་ཆོས་ཉིད་དང་མཐུན་པ་དང་།རང་དམག་གི་ཁྱད་ཆོས་མཚོན་ཐུབ་པའི་ཚན་རིག་གི་རྩ་འཛུགས་དཔེ་དབྱིབས་དང་ལམ་ལུགས་བཀོད་སྒྲིག།བཀོལ་སྤྱོད་བྱེད་སྟངས་བཅས་འཛུགས་སྐྲུན་བྱས་ནས།དམག་དཔུང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ་དེ་ཆུ་ཚད་སྔར་ལས་མཐོ་སར་སྐུལ་མ་གཏོང་དགོས་པའི་ནན་གསུང་གནང་ཡོད་པ་རེད། 

     གཏན་འབེབས་ནང་།དམག་ཡོངས་ཀྱི་དཔོན་མདག་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཀྲུའུ་ཞི་ཞི་ཅིན་ཕིན་བཅས་ཀྱི་གནང་བའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ།ཏང་གིས་གནས་ཚུལ་གསར་བའི་འོག་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་ཡུལ་ལ་དམིགས་ནས།མི་རབས་གསར་ བའི་གསར་བརྗེའི་དམག་མིའི་ལོ་རྒྱུས་ཀྱི་ལས་འགན་ཁུར་ནས།ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་དང་དམག་དཔུང་ལ་བཅོས་སྐྱོང་ནན་པོ་ བྱེད་པའི་རླབས་ཆེན་གྱི་ལག་ལེན་དངོས་ནང་ཞུགས་ནས།རང་རྟོག་གིས་ཁྲིམས་སྐྱོང་ལ་བརྩི་མཐོང་བྱེད་པ་དང་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པ། ཁྲིམས་སྐྱོང་ལག་ལེན་ནན་པོ་བྱས་ཏེ།རྒྱལ་སྲུང་དང་དམག་དཔུང་གིས་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱས་ནས།ཀྲུང་གོའི་ཕུགས་འདུན་གྱི་དམག་དཔུང་སྟོབས་ལྡན་གཏོང་བའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བཏང་ ཡོད་པ་རེད། 

                                                                                           ཡིག་སྒྱུར།གཡང་མཚོ།