རྒྱལ་ནང་གསར་འགྱུར།

ད་ལོའི་ཞིང་ཆེན་ཡོངས་ཀྱི་གནས་ཆེ་སའི་རྣམ་གྲངས་ཐད་མ་དངུལ་སྒོར་མོ་དུང་ཕྱུར་4188་གཏོང་འཇོག་བྱེད་པའི་འཆར་འགོད་བྱས་ཡོད་པ།

སྤེལ་དུས།    2015-02-03

    ཟླ་བ་གཉིས་པའི་ཚེས་གཉིས་ཉིན།ཁྲིན་ཏུའུ་རུ་བསྡུ་ཚོགས་བྱས་པའི་སི་ཁྲོན་ཞིང་ཆེན་གྱི་སྤྱི་ལོ་༢༠༡༥ལོར་མ་དངུལ་གཏོང་འཇོག་བྱེད་པ་དང་གནད་ཆེ་སའི་རྣམ་གྲངས་ཁྱབ་སྤེལ་གཏོང་བའི་ལས་ཀའི་སྐོར་གྱི་ཁ་པར་དང་བརྙན་འཕྲིན་གྲོས་ཚོགས་ཐོག་ཏུ།ད་ལོར་ཞིང་ཆེན་གྱི་གནད་ཆེ་སའི་རྣམ་གྲངས་ལྔ་བརྒྱ་ལ་སྤྱིའི་མ་དངུལ་སྒོར་མོ་དུང་ཕྱིར་29941གཏོང་འཇོག་བྱ་རྒྱུ་་ཡིན་པ་དང་།ལོ་ཧྲིལ་བོར་མ་དངུལ་སྒོར་མོ་དུང་ཕྱུར་4188གཏོང་འཇོག་ བྱེད་པའི་འཆར་འགོད་བྱས་ཡོད་པས།སྦྲེལ་མཐུད་ལོ་ལྔའི་རིང་སྒོར་མོ་དུང་ ཕྱུར་བཞི་སྟོང་ཡན་ཆད་ཐོག་སྲུང་འཛིན་བྱས་ཡོད་པ་རེད།དེའི་ནང་སྦྲེལ་མཐུད་བྱས་ནས་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་362ཡོད་པ་དང་།གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས་138ཡོད་པ་རེད།དེ་ལ་མཁོ་བསྟུན་སློང་ནས།ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཀྱི་གཏན་འཇགས་རྒྱུ་ནོར་ནང་ནས་མ་ དངུལ་སྒོར་མོ་དུང་ཕྱུར་ཁྲི་གཉིས་དང་ལྔ་སྟོང་དགུ་བརྒྱ་གཏོང་འཇོག་བྱེད་ པའི་སྔོན་དཔག་དམིགས་ཡུལ་འཆར་འགོད་བྱས་ཡོད་པ་རེད། 

ཐོན་ལས་རིག་ལ་མ་དངུལ་གཏོང་འཇོག་བྱེད་པ་དེ་སྔར་བཞིན་གལ་ཆེ་ས་ཡིན་ཅིང་།དེ་རྣམ་གྲངས་218ལ་སླེབས་པ་དང་།སྤྱིའི་གྲངས་ཀ་ལས་བརྒྱ་ཆ་ལྔ་བཅུ་ང་དྲུག་དང་གྲངས་ཆུང་གཉིས་བཟུང་ཡོད་པ་རེད།དེའི་ནང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པར་དམིགས་ནས།ད་ལོར་ཁྲང་ལིན་དང་ཝེ་ཡོན་རྒྱལ་ཁབ་རིམ་པའི་རྡོ་གཡམ་སོལ་རླངས་དཔེ་སྟོན་ས་ཁུལ་གསར་སྦོལ་རྣམ་གྲངས་དང་།རླངས་འབར་སྒུལ་ཤུགས་འཕྲུལ་འཁོར་ཆེ་གྲས་རང་སྒར་གྱིས་ཞིབ་འཇུག་དང་གསར་སྦོལ་བྱེད་པའི་རྣམ་གྲངས་སོགས་མཐོ་གསར་སྐྱེ་འཕེལ་ཅན་གྱི་ཐོན་ལས་རྣམ་གྲངས་26ཡོད་པ།ལོ་ཧྲིལ་བོར་མ་དངུལ་སྒོར་མོ་དུང་ཕྱུར་106་དང་བྱེ་བ་གསུམ་གཏོང་འཇོག་བྱེད་པའི་འཆར་འགོད་བྱས་ཡོད་པ།ཀྲུང་གོའི་མཉེན་ཆས་ཚོགས་པའི་སྤྲུན་རྩིས་ལྟེ་བ་དང་ཁྲེང་ཏུའུ་མཐོ་གསར་ལག་རྩལ་ས་ཁུལ་གྱི་ཨ་ལི་པ་པ་ནུབ་རྒྱུད་རྟེན་གཞི་སོགས་དབྱིབས་གསར་ སྔོན་ཁྲིད་ཅན་གྱི་ཞབས་འདེགས་ལས་སྒོ་ཆེན་པོ་ལྔ་ཡི་རྣམ་གྲངས་52ལ།ལོ་ཧྲིལ་བོར་མ་དངུལ་སྒོར་མོ་དུང་ཕྱུར་277དང་བྱེ་བ་8གཏོང་འཇོག་བྱ་རྒྱུའི་འཆར་འགོད་བྱས་ཡོད་པ།དེང་རབས་ཞབས་འདེགས་ལས་སྒོའི་རྣམ་གྲངས་77ཡོད་པས།ན་ནིང་ལས་རྣམ་གྲངས་གཉིས་འཕར་ཡོད་པ་རེད། 

       འཕོ་འགྱུར་གཏོང་བ་དང་རིམ་པ་སྤར་བར་བཀོད་སྒྲིག་བྱེད་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་རྣམ་གྲངས་74ལ་དམིགས་ནས།ལོ་ཧྲིལ་བོར་མ་དངུལ་སྒོར་མོ་དུང་ཕྱུར་312གཏོང་འཇོག་བྱེད་པའི་འཆར་འགོད་བྱས་ཡོད་པ།རྒྱུ་ཆ་གསར་བ་དང་སྐྱེ་དངོས་སྨན་བཟོ།རིག་ནུས་འཕྲུལ་ཆས་སོགས་འཕོ་འགྱུར་གཏོང་བ་དང་རིམ་པ་སྤར་བའི་དཔེ་སྟོན་རྣམ་གྲངས་42ལ་དམིགས་ནས།ལོ་ཧྲིལ་བོར་མ་དངུལ་སྒོར་མོ་དུང་ཕྱུར་23དང་བྱེ་བ་2གཏོང་འཇོག་བྱེད་པའི་འཆར་འགོད་བྱས་ཡོད་པ།དམག་དམངས་ཟུང་ འབྲེལ་བྱས་པའི་ཐོན་ལས་རྣམ་གྲངས་15ལ་དམིགས་ནས།ལོ་ཧྲིལ་བོར་མ་ དངུལ་སྒོར་མོ་དུང་ཕྱུར་18གཏོང་འཇོག་བྱེད་པའི་འཆར་འགོད་བྱས་ཡོད་ པ་རེད། 

   དམངས་འཚོ་འགན་ལེན་བྱེད་པར་མ་དངུལ་གཏོང་འཇོག་བྱེད་པ་དེ་ སྦྲེལ་མཐུད་དུ་འཕར་སྣོན་ཡོང་བ་བྱས་ཞིང་།དམངས་འཚོའི་འདུ་འགོད་དང་སྤྱི་ཚོགས་ལས་དོན་ཀྱི་རྣམ་གྲངས་47ལ་སླེབས་པ་དང་།ལོ་ཧྲིལ་བོར་མ་དངུལ་སྒོར་མོ་དུང་ཕྱུར་846གཏོང་འཇོག་བྱེད་པའི་འཆར་འགོད་བྱས་ཡོད་པ་ རེད། 

                                                                            ཡིག་སྒྱུར།གཡང་མཚོ།