རྒྱལ་ནང་གསར་འགྱུར།

སི་ཁྲོན་ཞིང་ཆེན་གྱི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ སྐབས་བདུན་པའི་ཚང་འཛོམ་གྲོས་ཚོགས་ཐེངས་བཞི་བ་བསྡུ་ཚོགས་བྱས་ ནས།ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད་པ།

སྤེལ་དུས།    2015-02-03

     ཟླ་བ་གཉིས་པའི་ཚེས་གཉིས་ཉིན།སི་ཁྲོན་ཞིང་ཆེན་གྱི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་བདུན་པའི་ཚང་འཛོམ་གྲོས་ཚོགས་ ཐེངས་བཞི་བ་དེ་ཁྲེང་ཏུའུ་རུ་བསྡུ་ཚོགས་བྱས་ནས།སྤྱི་ལོ་༢༠༡༤ལོའི་ཕྱིར་ སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀར་ཕྱོགས་བསྡོམས་གནང་ཡོད་པ་དང་།ལོ་གསར་བའི་ལས་ཀར་བཀོད་སྒྲིག་བྱས་པ་རེད།ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ལི་ཏེང་ཅུས་གྲོས་ཚོགས་ནང་ཞུགས་ཡོད་པ་མ་ཟད་གསུང་བཤད་གནང་ཡོད་པ་རེད། 

    ན་ནིང་།ཞིང་ཆེན་ཡོངས་ཀྱི་རི་པ་སོ་སོའི་ཕྱིར་སྡོད་རང་མིའི་མཉམ་ འབྲེལ་ལྷན་ཚོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་ཡིས་གནས་ཚུལ་ གསར་བའི་འོག་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀར་ ཤུགས་སྣོན་རྒྱག་པ་དང་ལེགས་སྒྱུར་གཏོང་བའི་སྐོར་གྱི་འབྲེལ་ཡོད་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པ་དེ་ལམ་ཕྱོགས་གཙོ་བོ་བྱས་ནས།མང་ ཚོགས་རང་བཞིན་དང་དམངས་ཁྲོད་རང་བཞིན།ཕྱི་ཕྱོགས་དང་འབྲེལ་བའི་ རང་བཞིན།འཐབ་ཕྱོགས་གཅིག་གྱུར་རང་བཞིན་བཅས་ཀྱི་ཁྱབ་ཆོས་ལ་དམ་པོར་དམིགས་ནས།དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཁྲིམས་ལྟར་ཕྱིར་ སྡོད་རང་མིའི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་།ཕྱི་རྒྱལ་དུ་མཐུན་འབྲེལ་བྱེད་པ་རྒྱ་སྐྱེད་གཏོང་བ།སྲིད་ཞུགས་སྲིད་གླེང་བྱེད་པ།ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བ།སྤྱི་ཚོགས་འཛུགས་སྐྲུན་ནང་ཞུགས་པ།རང་ཉིད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་པ་སོགས་ཐད་བྱས་རྗེས་མངོན་གསལ་ཐོབ་ཡོད་པས། ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་རྣམ་པ་གསར་བ་ གསར་གཏོད་བྱས་ཡོད་པ་རེད། 

གྲོས་ཚོགས་ཐོག་སྤྱི་ལོ་༢༠༡༥ལོའི་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་འཁྲིའི་འདུ་ཤེས་སྔར་ ལས་མཐོ་རུ་བཏང་ནས།གོ་སྐབས་དངོས་སུ་དམ་འཛིན་བྱེད་པ་དང་དམིགས་བསལ་གྱི་གནས་བབ་ཡག་པོ་འདེན་སྤེལ་བྱེད་པ།དཔའ་ངར་ཆེ་བའི་སྙིང་ སྟོབས་ལ་བརྟེན་པ།དངོས་སྒྲུབ་བྱས་ནས་ལས་ཀར་ཕན་འབྲས་ཐོབ་པ།འབད་བརྩོན་གྱིས་གནས་ཚུལ་ཧྲིལ་བོར་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ ཞབས་འདེགས་ཞུ་བ་བཅས་བྱས་ནས།རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་ དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་ དགོས་པ་དང་།ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ངོས་འཛིན་མཐོ་རུ་གཏོང་བ་དང་།ཕྱིར་སྡོད་རང་ མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ ཆུད་པ་བྱེད་དགོས་པ།ཏང་གི་ཚོགས་སྤྱིའི་ལས་ཀར་ཤུགས་སྣོན་རྒྱག་པའི་ སྐོར་གྱི་གྲོས་གཞི་དང་།གནས་ཚུལ་གསར་བའི་འོག་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀར་ཤུགས་སྣོན་རྒྱག་པ་དང་ལེགས་སྒྱུར་གཏོང་ བའི་སྐོར་གྱི་གྲོས་གཞིའི་དགོངས་དོན་ལ་གོ་བ་གཏིང་ཟབ་མོ་ལོན་པ་དང་ ནན་ཏན་གྱིས་ལག་ལེན་དང་དོན་འཁྱོལ་ཡོང་བ་བྱེད་དགོས་པ།ཕྱིར་སྡོད་ རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དམིགས་བསལ་གྱི་གནས་བབ་ཡག་པོ་འདོན་སྤེལ་བྱས་ཏེ།འགོམ་བརྒལ་གཉིས་མངོན་འགྱུར་ཡོང་བ་བྱེད་ཆེད་ འབད་འཐབ་བྱེད་དགོས་པ།རང་ཉིད་འཛུགས་སྐྲུན་བྱེད་པར་དངོས་སུ་ཤུགས་སྣོན་བརྒྱབ་ནས།ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ལས་ཀའི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་གསུང་གནང་ཡོད་པ་ རེད། 

                                                                         ཡིག་སྒྱུར།གཡང་མཚོ།