རྒྱལ་ནང་གསར་འགྱུར།

ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཡོད་པ།

སྤེལ་དུས།    2015-01-29

    

         ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་ཟླ་བ་༡པོའི་ཚེས་༢༨ཉིན་གྱི་དགོང་མོར་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཡོད་པ།ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཏུང་རྨིན་དང་ཧྥན་རུན་ཕིན།ཀྲང་ཏུང་ཧྲེང་།ཧོང་རུན་ཆུས།ཕན་ཡུན།ལིའུ་ཏའོ་ཕིན།ཙེང་ཧྲེང་ཆོན།ལི་ཞང་ཀྲི་བཅས་གྲོས་ཚོགས་ཐོག་ཞུགས་ཡོད།ཝང་ཏུང་རྨིན་གྱིས་གྲོས་ཚོགས་ལ་གཙོ་འགན་བཞེས་པ།ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡོང་དགོས་མཁན་མི་གྲངས་དོན་དགུ་ཡིན་པ་དང་།ངོ་མའི་གྲོས་ཚོགས་ནང་ཞུགས་མཁན་དོན་དྲུག་ཡོད་པས།བཅའ་ཁྲིམས་ཀྱིས་གཏན་འབེབས་བྱེད་པའི་མི་གྲངས་དང་མཐུན་པ་རེད།

     ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་བ་གཞོན་པ་ཕུའུ་པོ་ཡིས་ཀྲུའུ་ཞི་ཚོགས་པར་འཐུས་མི་ཚོགས་པ་སོ་སོས་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པའི་འདེམས་བསྐོ་བྱེད་སྟངས་འཆར་ཟིན་ལ་ཞིབ་བཤེར་གྲོས་མོལ་བྱས་ཚུལ་སྙན་ཞུ་ཕུལ་བ་དང་།འཐུས་མིས་མིང་ཐོ་འགོད་ནས་བདམ་བྱའི་འོས་མི་གདམ་པའི་མིང་འདོན་མཚམས་འཇོག་དུས་ཚོད་ལ་དམིགས་ནས་གསལ་བཤད་བྱས་ཡོད།

      གྲོས་ཚོགས་ལས་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པའི་འདེམས་བསྐོ་བྱེད་ཐབས་འཆར་ཟིན་ལ་བརྡས་ཐག་གཅོད་ནས་གྲོས་འཆམ་བྱུང་ཞིང་།ཚང་འཛོམ་གྲོས་ཚོགས་ཀྱི་བརྡས་ཐག་གཅོད་པ་ཡར་ཞུ་ཕུལ་ཡོད།འཐུས་མི་ཡིས་མིང་ཐོ་འགོད་ནས་བདམ་བྱ་འོས་མི་མཚམས་འཇོག་བྱེད་པའི་དུས་ཚོད་ནི་༡པོའི་ཚེས་༣༡ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་ཐོག་བར་ཡིན་པ་གཏན་འབེབས་བྱས་ཡོད།

 

                                                                                                                                                      ཡིག་སྒྱུར་པ།བཀྲ་ཤིས་ཉི་མ།