རྒྱལ་ནང་གསར་འགྱུར།

ལི་ཁི་ཆང་གིས་གཙོ་འགན་བཞེས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུ་ཚོགས་བྱས་ཡོད་པ།

སྤེལ་དུས།    2015-01-29

    

       རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཟླ་བ་དང་བོའི་ཚེས་ཉེར་བརྒྱད་ཉིན་གཙོ་འགན་བཞེས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུ་ཚོགས་བྱས་ཏེ།ལྕགས་ལམ་དང་ཉིང་རྡུལ་གློག་འདོན།འཛུགས་སྐྲུན་རྒྱུ་ཆ་ཐོན་སྐྱེད་སྒྲུབ་རིམ་སོགས་ཀྲུང་གོའི་སྒྲིག་ཆས་ཕྱི་ཕྱོགས་སུ་སྐྱོད་ ཚད་ཇེ་མགྱོགས་སུ་གཏོང་བ་དང་།རྒྱལ་སྤྱིའི་ཐོན་སྐྱེད་ནུས་ཤུགས་སྐོར་མཉམ་ལས་བྱེད་པ་དང་མཉམ་ལས་རིམ་པ་སྤར་བར་སྐུལ་མ་གཏོང་བར་བཀོད་སྒྲིག་བྱས་པ་དང་།མང་ཚོགས་ཀྱིས་ལས་སྐྲུན་བྱེད་པའི་རྒྱ་ཁྱོན་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་ཁེལ་བྱས་ ནས།ལས་སྐྲུན་གསར་གཏོད་བྱེད་པར་སྟེགས་བུ་གསར་བ་སྐྲུན་པ་རེད།

       གྲོས་ཚོགས་ཐོག་ཏུ།རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་འབྲེལ་ཡོད་དགོས་མཁོ་སྣེ་མཐུད་བྱས་ཏེ།སྲིད་གཞུང་གིས་སྐུལ་མ་གཏོང་བ་དང་ཁེ་ལས་ཀྱིས་ཁྲིད་སྟོན་བྱེད་པ་བརྒྱུད་ནས།ཚོང་ལས་བྱེད་སྟངས་བཀོལ་ སྤྱོད་བྱས་ཏེ།རང་རྒྱལ་གྱི་སྒྲིག་ཆས་གལ་ཆེན་དང་གནས་བབ་ཡག་པོའི་ཐོན་སྐྱེད་ནུས་ཤུགས་ཕྱི་ཕྱོགས་སུ་སྐྱོད་པར་སྐུལ་མ་གཏོང་བ་དང་།ཐོན་སྐྱེད་ནུས་ཤུགས་ཐད་མཉམ་ལས་བྱེད་སྒོ་སྤེལ་ནས།གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བ་བྱེད་པ་ནི་རྒྱལ་སྤྱི་ཡིས་མ་དངུལ་གཏོང་འཇོག་བྱས་པའི་དཔལ་འབྱོར་མཉམ་ལས་རྒྱ་ཁྱོན་ཆེ་རུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཡིན་པ་མ་ཟད་ཕྱི་ཕྱོགས་ཉོ་ཚོང་འཕར་སྣོན་ཡོང་ས་གསར་བར་ཆགས་ཐུབ་པ་དང་།རྒྱལ་ནང་གི་ཐོན་ལས་རིམ་པ་སྤར་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡང་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།གྲོས་ཚོགས་ཐོག་ཏུ།གཅིག་ནི་ནུས་ ཤུགས་ཆེན་པོས་ལྕགས་ལམ་དང་ཉིང་རྡུལ་གློག་འདོན་སོགས་སྒྲིག་ཆས་གལ་ཆེན་དེ་རྒྱལ་སྤྱིའི་ཚོང་རའི་ཐོག་སྐྱོད་པའི་ལམ་བུ་རྒྱ་སྐྱེད་བཏང་ནས།ལས་ རིགས་ཐོན་ཁུངས་ལེགས་སྒྲིག་དང་ཟླ་སྒྲིལ་གཏོང་བ།ཕྱི་ཕྱོགས་མཉམ་ལས་ བྱེད་སྟངས་གསར་གཏོད་བྱེད་པ།མ་དངུལ་མཉམ་འཇོག་དང་གཞུང་སྒེར་མཉམ་གཉེར་བྱེད་པ་སོགས་མ་དངུལ་གཏོང་འཇོག་བྱེད་སྟངས་འཚོལ་ཞིབ་བྱས་ནས།དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་ཨར་ལས་ཇུས་འགོད་དང་བློ་ འདྲི།ཨར་ལས་འཛུགས་སྐྲུན།སྒྲིག་ཆས་མཁོ་སྤྲོད།བདག་གཉེར་སྲུང་སྐྱོང་སོགས་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བ་མ་ཟད་རྒྱལ་སྤྱི་དང་མཉམ་ལས་བྱེད་པ་བརྒྱུད་ཕྱོགས་གསུམ་པའི་ཚོང་ར་རྒྱ་སྐྱེད་གཏོང་དགོས་པ་དང་།གཉིས་ནི་ངར་ལྕགས་དང་མདོག་ཅན།འཛུགས་སྐྲུན་རྒྱུ་ཆ།ཡང་བའི་བཟོ་ལས་དང་ འཁེལ་འཐག་སོགས་ལས་རིགས་ཀྱིས་གནད་ཆེ་ས་བྱས་ཏེ།རྒྱལ་སྤྱིའི་ཚོ་རའི་དགོས་མཁོ་ལ་དམིགས་ནས།ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་སྒྲིག་ཆས་སྤྱད་ནས་ཕྱི་རྒྱལ་ནས་འཛུགས་སྐྲུན་བྱེད་པའི་གོང་འོག་ཆ་ཚང་སྒྲིག་པའི་ཐོན་སྐྱེད་སྒྲུབ་རིམ་ལ་རྒྱབ་སྐྱོར་བྱས་ཏེ།ཐོན་རྫས་དང་ལག་རྩལ།གཏན་འབེབས་དང་མཐུན་པའི་དམིགས་ཚད་བཅས་ཕྱི་ཕྱོགས་སུ་སྐྱོད་པ་མངོན་འགྱུར་ཡོང་བྱེད་དགོས་པ།གསུམ་ནི་ཕྱི་ཕྱོགས་ནས་ཨར་ལས་འགན་གཙང་ལེན་དང་ཕྱི་ཕྱོགས་སུ་མ་དངུལ་གཏོང་འཇོག་བྱེད་པ་བརྒྱུད་ནས།ཆ་འཕྲིན་དང་གློག་ཤུགས།ཨར་ལས་འཕྲུལ་ཆས།གྲུ་གཟིངས་སོགས་སྒྲིག་ཆས་ཆ་ཚང་ཕྱིར་གཏོང་བྱེད་པ་མངོན་འགྱུར་ཡོང་བ་བྱེད་དགོས་པ།བཞི་ནི་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་གཏོང་དགོས་པ།ལྔ་ནི་སྒྲིག་ཆས་ཆ་ཚང་ཡོང་བར་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་སྣོན་རྒྱག་དགོས་པ།དྲུག་ནི་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་ལེན་བྱེད་པར་དོ་སྣང་བྱས་ནས།ས་དེའི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དང་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ནས།རྗེས་མཐུད་ཞབས་ འདེགས་བྱ་བ་ཡག་པོ་སྒྲུབ་དགོས་པ་བཅས་བྱས་ནས།རང་རྒྱལ་གྱི་གནས་བབ་ཡག་པོའི་ཐོན་སྐྱེད་ནུས་ཤུགས་དང་སྒྲིག་ཆས་དེ་རྒྱལ་ཁབ་ཀྱི་མཚོན་རྟགས་ གསར་བར་གྱུར་བ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།

        གྲོས་ཚོགས་ཐོག་ད་དུང་དེ་མིན་གྱི་བྱ་བར་ཞིབ་འཇུག་གནང་ཡོད་པ་ རེད།

                                                                                                                                                                                                                                    ཡིག་སྒྱུར་པ།གཡང་མཚོ།