རྒྱལ་སྤྱིའི་གསར་འགྱུར།

ཅིང་ཀྲེན་ཨེན་གྱིས་མཚོ་དམག་དམག་གྲུའི་བཟོ་བཅོས་བཟོ་གྲྭར་ལྟ་ཞིབ་གནང་བ།

སྤེལ་དུས།    2015-02-10

   

   ས་དེ་གའི་དུས་ཚོད་༢༠༡༥་ལོའི་ཟླ་༢་པའི་ཚེས་༨་ཉིན། ཁྲའོ་ཞན་ངལ་རྩོལ་ཏང་གི་ལས་ཁུངས་ཀྱི་ཚགས་པར་ཐོག་ནས་གནས་ཚུལ་བསྒྲགས་པར་བལྟས་ན། ཉེ་ཆར། ཁྲའོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་པོ་ཅིང་ཀྲེན་ཨེན་གྱིས་ཁྲའོ་ཞན་མི་དམངས་དམག་གི་མཚོ་དམག་597་མཉམ་འབྲེལ་དམག་དཔུང་ཁོངས་སུ་གཏོགས་པའི་དམག་གྲུ་བཟོ་བཅོས་བཟོ་གྲྭ་ལ་ལྟ་ཞིབ་མཛད་ཡོད་པ་མ་ཚད། བཟོ་གྲྭ་དེང་རབས་ཅན་གྱི་གོ་རིམ་སུ་སྐུལ་སྤེལ་གཏོང་དགོས་པའི་མཛུབ་སྟོན་གནང་ཡོད་པ་རེད།