རྒྱལ་སྤྱིའི་གསར་འགྱུར།

ཝུ་ཁེ་ལན་གྲོས་ཚོགས་ཁང་གིས་ཨུ་རུ་སུ་ནི་བཙན་འཛུལ་རྒྱལ་ཁབ་ཏུ་ངོས་བཟུང་བ།

སྤེལ་དུས།    2015-01-28

                                                                                

  སྤྱི་ཚེས་༢༧ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཁ་ལ་ཞིན་གྱིས་ཝུ་ཁེ་ལན་གྲོས་ཚོགས་ཁང་གིས་ཨུ་རུ་སུ་བཙན་འཛུལ་རྒྱལ་ཁབ་དུ་ངོས་འཛིན་བྱས་པའི་གསལ་བསྒྲགས་ནི། ཧོལ་རྒྱུག་དང་འགན་མི་ཁུར་བའི་བྱ་སྤྱོད་ཅིག་རེད་ཅེས་གསུངས་ཡོད་པ་རེད།

ཁ་ལ་ཞིན་གྱིས་ཉིན་དེར་རྒྱལ་སྤྱིའི་ཡིག་སྐྱེལ་གློག་འཕྲིན་ཁང་གི་བཅའ་འདྲི་དང་ལེན་བྱེད་སྐབས། ཝུ་ཁེ་ལན་གྲོས་ཚོགས་ཁང་གི་གཏན་འབེབས་འདིའི་དམིགས་ཡུལ་ནི་ཝུ་ཁེ་ལན་ཉམས་ཉེན་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པའི་ཐད་ཀྱི་འབད་བརྩོན་མཚམས་འཇོག་བྱེད་འཇུག་རྒྱུ་དེ་ཡིན་པ་དང་། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ནས་དེའི་ཐད་གསལ་བསྒྲགས་སྤེལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

སྤྱི་ཚེས་༢༧ཉིན་ཝུ་ཁེ་ལན་གྱི་ཆེས་མཐོའི་གྲོས་ཚོགས་ཁང་གིས་གསལ་བསྒྲགས་སྤེལ་ཏེ། ཨུ་རུ་སུ་ནི་བཙན་འཛུལ་རྒྱལ་ཁབ་དུ་ངོས་བཟུང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་བཀག་སྡོམ་གསར་བའི་བྱེད་ཐབས་ཚུད་པའི་ཐབས་ལམ་ནས་ཨུ་རུ་སུར་གནོན་ཤུགས་བྱིན་ཏེ་ཨུ་རུ་སུའི་བཙན་འཛུལ་བཀག་འགོག་བྱེད་དགོས་པའི་རེ་འབོད་གནང་ཡོད་པ་རེད།

                                                                                                                                                                                       ཡོང་ཁུངས།ཀྲུང་གོའི་བོད་ཡིག་དྲ་བ།