རྒྱལ་སྤྱིའི་གསར་འགྱུར།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལྰ་ཧྥུའུ་ལའོ་ཧྥུའུ་ཡིས་ཨ་རིས་སྔོར་བཞིན་རང་ཉིད་འཛམ་བུ་གླིང་གི་རྒྱལ་ཁབ་སྟོབས་ཆེན་ཡིན་བསམ་ཡོད་ཟེར།

སྤེལ་དུས།    2015-01-22

     ཨུ་རུ་སུ་ཕྱོགས་ཀྱིས་ཚེས་ཉེར་གཅིག་ཉིན་ཨ་རིའི་ཙུང་ཐུང་ཨོ་པྰ་མྰ་ཡིས་རྒྱལ་ཁབ་གནས་ཚུལ་སྐོར་གྱི་རྩོམ་ཡིག་ནང་ཏུ་ཨུ་རུ་སུ་ལ་སྐྱོན་བརྗོད་བཏོན་པའི་ནང་དོན་ལ་རྒོལ་ལན་རྒྱབ་ཡོད།ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལྰ་ཧྥུའུ་ལའོ་ཧྥུའུ་ཡིས་ཨའོ་པྰ་མྰ་ཡི་གསུང་བཤད་ནང་ཨ་རིས་སྔར་བཞིན་རང་ཉིད་འཛམ་བུ་གླིང་གི་རྒྱལ་ཁབ་སྟོབས་ཆེན་ལ་རྩིས་ནས།སའི་གོ་ལ་ཡོངས་ཀྱི་བཀོལ་སྤྱོད་དབང་ཆ་འཚོལ་པ་ཡིན་པ་གསལ་བཤད་བྱས་ཡོད་ཟེར།

                                                                                                                                                                                                                                 ཡིག་སྒྱུར་པ།རིག་མཚོ།