རིག་རྩལ་འཕྲིན་གསར།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་བོད་རྒྱ་སྐད་གཉིས་གནས་གཞིའི་འཛིན་གྲྭ་གསུམ་བསྡུས་པ།

སྤེལ་དུས།    2014-09-23

 

ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་བོད་རྒྱ་སྐད་གཉིས་གནས་གཞིའི་འཛིན་གྲྭ་གསུམ་བསྡུས་པ།
ད་ལོར།ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་འབྲེལ་ཡོད་འགོ་ཁྲིད་ཀྱི་བརྩོན་པ་ཆེན་པོའི་འོག  ཐེངས་མང་པོར་སློབ་གྲྭའི་འགོ་ཁྲིད་དང་ལྷན་དུ་གྲོས་བསྡུར་སྒོས་སྤུན་ཟླའི་སློབ་གླིང་དང་འབྲེལ་འདྲིས་བརྩོན་ལེན་བྱེད་པ་དང་།ལྷན་གྱིས་བོད་རྒྱ་སྐད་གཉིས་ལ་བྱང་ཆུད་པའི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པ་རེད།རྒྱུས་ལོན་པ་ལྟར་ན།ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་ཐོག་དང་པོར་བོད་རྒྱ་སྐད་གཉིས་གསར་འགྱུར་རིག་པའི་གནས་གཞིའི་འཛིན་གྲྭ་དང་།བོད་རྒྱ་སྐད་གཉིས་ཁྲིམས་ལུགས་རིག་པའི་གནས་གཞིའི་འཛིན་གྲྭབོད་རྒྱ་སྐད་གཉིས་བཟོ་རྩལ་རིགས་ཀྱི་གནས་གཞིའི་འཛིན་གྲྭ་བཅས་འཛིན་གྲྭ་གསུམ་བསྡུས་ཤིང་།བོད་རྒྱ་སྐད་གཉིས་གསར་འགྱུར་རིག་པའི་གནས་གཞིའི་འཛིན་གྲྭར་བསྡོམས་པས་བོད་རིགས་སློབ་མ21དང་།འཛིན་གྲྭ་གཞན་གཉིས་ལ་སོ་སོར་བོད་རིགས་སློབ་མ20བསྡུས་པ་རེད།
    ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཤེས་རབ་ཉི་མས་གསུང་རྒྱུར།བོད་རྒྱ་སྐད་གཉིས་གསར་འགྱུར་ཆེད་ལས་བཙུགས་ཏེ།རྨང་གཞི་བརྟན་ཞིང་ལམ་བུ་རྒྱ་བསྐྱེད་དེ་སྨྱན་བྱད་ཀྱི་ཆེད་ལྡན་མི་སྣ་སྐྱེད་སྲིང་བྱས་ན་སྔར་ལས་ལྷག་པར་བོད་ཁུལ་དུ་སྣ་འཛོམས་མི་སྣའི་དགོས་མཁོ་སྐོང་ཐུབ་རྒྱུ་རེད།
     ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་སློབ་གླིང་ནི་བོད་ཀྱི་སྐད་བརྡ་དང་རྩོམ་རིག་དང་།བོད་ཀྱི་ལོ་རྒྱུས་དང་རིག་གནས་སོགས་ཀྱི་ཐད་དགེ་རྒན་གྱི་དཔུང་སྡེ་སྟོབས་ཆེ་ཞིང་།རྩོམ་རིག་དང་གསར་འགྱུར་ཁྱབ་སྤེལ་སློབ་གླིང་གི་གསར་འགྱུར་རིག་པའི་ཆེད་ལས་དང་ཁྲིམས་ལུགས་རིག་པའི་སློབ་གླིང་གི་ཁྲིམས་ལུགས་ཆེད་ལས་ཀྱི་དགེ་རྒན་གྱི་དཔུང་སྡེ་ནུས་ཤུགས་དང་།སློབ་གསོའི་མཐུན་རྐྱེན།སློབ་མ་གསོ་སྐྱོང་གི་སྤུས་ཚད་སོགས་ཀྱི་ཐད་ནས་མི་རིགས་སློབ་ཆེན་ཁག་ལས་སྔོན་ཐོན་དུ་གནས་ཤིང་།དྲག་ཤུགས་མཉམ་འབྲེལ་གྱིས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་སྟེགས་བུ་གསར་བ་བསྐྲུན་ཏེ་ལྷན་གྱིས་བོད་ཁུལ་འཕེལ་རྒྱས་ལ་མཁོ་བའི་འཇོན་ཐང་ལྡན་པའི་སློབ་མ་གསོ་སྐྱོང་བྱེད་རྒྱུ་རེད།