པར་འཕྲིན།

འཛམ་གླིང་རི་བོའི་རྩེ་མོ་ཨང་བཅོ་ལྔ་བ་སྟེ་གངས་རི་གནམ་ལྕགས་འབར་བ།

སྤེལ་དུས།    2014-12-08

འཛམ་གླིང་རི་བོའི་རྩེ་མོ་ཨང་བཅོ་ལྔ་བ་སྟེ་གངས་རི་གནམ་ལྕགས་འབར་བ།

 འཛམ་གླིང་རི་བོའི་རྩེ་མོ་ཨང་བཅོ་ལྔ་བ་སྟེ་གངས་རི་གནམ་ལྕགས་འབར་བ།

          གནམ་ལྕགས་འབར་བ་ཞེས་པ་འདི་ནི་གངས་ཅན་བསིལ་མོ་ལྗོངས་འདིའི་གངས་རི་གྲགས་ཅན་ཞིག་ཡིན་ཞིང་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་སྨིན་གླིང་རྫོང་གི་ཁོངས་ཏེ་ཡར་ཀླུང་གཙང་པོའི་ཁུག་ཆེན་པོའི་ནང་ཆགས་ཡོད་ལ། མཐོ་ཚད་ལ་མཚོ་ངོས་ལས་སྨི7782དང་འཛམ་གླིང་རི་བོའི་རྩེ་མོ་ཨང་བཅོ་ལྔ་རུ་གྲགས།

གནམ་ལྕགས་འབར་བ།

              འདིར་ངོ་མཚར་གྱི་ལྟས་མང་པོ་ཡོད་དེ། བཤད་སྒྲོས་ལྟར་ན་ལྷའི་ཡུལ་གྱི་ལྷ་དང་ལྷ་མོ་རྣམས་རི་བོའི་རྩེ་མོ་འདིར་འཛོམས་ནས་དྲི་ཞིམ་གྱི་ལྗོན་བཟང་སྦར་ཏེ་སྨོན་ལན་གསོལ་བར་བརྟེན་བོད་རིགས་མི་དམངས་ཀུན་གྱིས་རི་བོ་འདི་ལ་མཆོད་བཀུར་ཆེན་པོ་བྱེད་པར་བརྗོད།